བརྒྱུད་སྐུར་སྒོ་མོའི་སྤྱོད་མཁན་གྱི་གྲོས་མཐན།

བརྒྱུད་སྐུར་སྒོ་མོའི་བྱེད་ནུས་ནི་ཞའོ་མཱི་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས(གཤམ་དུ་“ང་ཚོ”འམ་“ཞའོ་མཱི་”ཞེས་འབོད་རྒྱུ)གཉེར་སྐྱོང་བྱས་པའི། ཁྱེད་ལ་ཡིག་རིགས་ཐག་གཅོད་དང་། ལོ་ཙཱ། པར་རིས་དཔྱད་བཤེར་ཉོ་སྒྲུབ། དངོས་པོ་ངོས་འཛིན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཉེར་སྤྱོད་ཅིག་ཡིན། ཁྱེད་ཀྱིས་《སྤྱོད་མཁན་གྱི་གྲོས་མཐུན》(གཤམ་དུ་“གྲོས་མཐུད་འདི”ཞེས་འབྲི)ཞེས་པར་ཞིབ་ནན་ངང་གཟིགས་ཏེ་རྒྱུས་ལོན་གསལ་པོ་གནང་དགོས་ཞེས་འདིར་དམིགས་བསལ་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། སྤྱོད་མཁན་གྱིས་ངེས་པར་དུ་གྲོས་མཐུན་འདིར་འཁོད་པའི་དོན་ཚན་ཁག་ཞིབ་ཏུ་གཟིགས་ཏེ་རྒྱུས་ལོན་ཁ་གསལ་བྱ་དགོས། ལྷག་པར་ཞའོ་མཱིའི་འགན་འཁྲི་དང་རྩོད་རྙོག་ཞི་ཐབས། གོ་ཆོད་ཁྲིམས་ལུགས་རྩིས་མེད་བཟོའམ་ཚོད་འཛིན་བྱ་རྒྱུ་དང་འབྲེལ་བའི་དོན་ཚན་ཁག་ལ་གཟིགས་དགོས། འགན་འཁྲི་རྩིས་མེད་དང་ཚོད་འཛིན་བྱ་རྒྱུའི་དོན་ཚན་ཁག་ཡི་གེ་ཇེ་ནག་ཏུ་བཏང་ཡོད་པས། ཁྱེད་ནས་དམིགས་བསལ་དོན་སྣང་གནང་དགོས། ཁྱེད་ནས་ཞིབ་ནན་ངང་བཀླགས་རྗེས་དོན་ཚན་འདི་ཉིད་དང་ལེན་བྱེད་མིན་འདེམས་དགོས།(ན་ཚོད་མ་སྨིན་པའི་བྱིས་པས་ཁྲིམས་མཐུན་ལྟ་སྐྱོང་མི་སྣའི་རོགས་རམ་འོག་ཀློགས་དགོས།) སྤྱོད་མཁན་གྱིས་བརྒྱུད་སྐུར་སྒོ་མོའི་བྱེད་ནུས་བེད་སྤྱད་པའི་བྱ་སྤྱོད་གང་རུང་གིས་གྲོས་མཐུན་འདིར་དང་ལེན་དང་། གྲོས་མཐུན་འདིས་གཏན་འབེབས་ཟིན་པའི་དོན་ཚན་དག་ལ་མོས་མཐུན་ཡོད་པ་མཚོན། གལ་ཏེ་གྲོས་མཐུན་འདིར་མོས་མཐུན་མེད་ཚེ། བརྒྱུད་སྐུ་སྒོ་མོའི་བྱེད་ནུས་གང་ཡང་མ་སྤྱོད་རོགས། ཞའོ་མཱི་ལ་གྲོས་མཐུན་འདིར་ལེགས་བཅོས་བྱེད་པའི་དབང་ཆ་ཡོད་ལ། གསར་སྒྱུར་བྱས་རྗེས་ཀྱི་གྲོས་མཐུན་དོན་ཚན་དག་ཁྱེད་ཀྱིས་བྱེད་ནུས་དེ་སྤྱོད་པའི་སྐབས་གསལ་བསྒྲགས་བྱ། གྲོས་མཐུན་ལེགས་བཅོས་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་བཟུང་ཁྲིམས་ལུགས་ནུས་པ་ཐོན་པ་ཡིན།

དང་པོ། སྤྱི་ཚན།

1.1 སྐྱེལ་གཏོང་སྒོ་མོ་ནི་མ་ལག་གི་ཚོད་ལྟའི་རང་བཞིན་ལྡན་པའི་བྱེད་ནུས་ཤིག་ཡིན།ཡིག་རིགས་དང་པར་རིགས་གང་དུ་ཡོད་པའི་ཐོག་ཏུ་མཛུབ་མོས་ཡུན་རིང་མནན་ཚེ། ཁ་པར་མ་ལག་གིས་ཡིག་རིགས་དང་པར་རིས་ཀྱིས་ནང་དོན་ལ་རིག་ནུས་ཞིབ་དཔྱད་བྱེད། མིག་སྔའི་ཉེར་སྤྱོད་ནས་ཁ་མ་བྲལ་ཚེ། ཡི་གེ་ཐག་གཅོད་དང་ལོ་ཙཱ། དཔྱད་བཤེར། པར་རིས་དཔྱད་བཤེར་ཉོ་སྒྲུབ། དངོས་པོ་ངོས་འཛིན་སོགས་ཀྱི་ཞབས་ཞུ་ཐོབ་ཐུབ།

1.2 གྲོས་མཐུན་འདི་ནི་སྤྱོད་མཁན་དང་ཞའོ་མཱི། དེ་འབྲེལ་ཀུང་སི་དང་དེ་བཞིན་མཉམ་ལས་གཉེར་སྐྱོང་མཉམ་ལས་ཚན་པ(གཤམ་དུ་"མཉམ་ལས་ཚན་པ་"ཞེས་འབྲི)ཡི་དབར། སྤྱོད་མཁན་གྱིས་བརྒྱུད་སྐུར་སྒོ་མོའི་མཉེན་ཆས་སམ་ཡང་ན་ཞབས་ཞུ་བེད་སྤྱོད་བྱ་རྒྱུར་བཞག་པའི་གྲོས་མཐུན་ཞིག་ཡིན།

1.3 མཉེན་ཆས་འདི་དང་ཞབས་ཞུ་ནི་ཞའོ་མཱིས་འདོན་སྤྲོད་བྱས་པའི་སྤོ་སྒུལ་སྣེའི་མཉེན་ཆས་དང་ཞབས་ཞུ་ཡིན། དེའི་ནང་དེ་དག་ཚུད་ཡོད།:

1.3.1 ཡི་གེ་ཐག་གཅོད།:འཆར་ངོས་སྟེང་གི་ཡི་གེ་དབྱེ་འབྱེད་ངོས་འཛིན། བརྡ་ཆད་གཙོ་བོ་འཚམ་སྒྲིག་བྱས་ནས་འཚོལ་བཤེར་དང་བསྐྱར་དཔར། ལོ་ཙཱ། ཕྱོགས་སྟོན་སོགས་ཀྱི་ཞབས་ཞུའི་བྱང་བུ་གྲུབ་པ།

1.3.2 ལོ་ཙཱ་:དྲ་ཐོག་ལོ་ཙཱའི་ཞབས་ཞུ་མཁོ་འདོན་བྱེད།

1.3.3 བཤེར་དཔྱད།:ལོ་ཙཱ་དང་། ཉོ་སྒྲུབ་དངོས་པོ་པར་ལེན། མིང་བྱང་ངོས་འཛིན། ཡིག་ཆ་དཔྱད་བཤེར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད།

1.3.4 པར་རིས་བཤེར་ནས་ཉོ་སྒྲུབ:པར་རིས་ཁྲོད་ཀྱི་དངོས་ཟོག་ངོས་འཛིན་གྱིས་ཉོ་སྒྲུབ་རུང་བའི་ཚོང་རྫས་གསལ་སྟོན་བྱེད།

1.3.5 དངོས་པོ་ངོས་འཛིན:པར་རིས་ཁྲོད་ཀྱི་དངོས་པོ་ངོས་འཛིན་གྱིས་པའེ་ཁའེ་སོགས་ཀྱི་དྲ་རྒྱ་ནས་འབྲེལ་ཡོད་མཇུག་འབྲས་འཚོལ་བཤེར་བྱེད།

1.4 སྤྱོད་མཁན་ནས་ཤེས་དགོས་པ་ལིག་ལ། ཞའོ་མཱི་ནས་སྤྱོད་མཁན་ལ་མཉེན་ཆས་འདི་དང་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱེད། དེ་ཕུད་མཉེན་ཆས་འདི་དང་ཞབས་ཞུ་འབྲེལ་ཡོད་ཀྱི་སྒྲིག་ཆས་ལ་དགོས་པའི་རིན་པ་(གལ་ཏེ་མཉེན་ཆས་མཐའ་སྣེ་རིན་པ་དང་། དྲ་བར་སྦྲེལ་བར་གཏོང་སྤྲོད་བྱས་པའི་དྲ་འཇུག་རིན་པ)ཀུན་ནི་སྤྱོད་མཁན་རང་ངོས་ནས་འཁུར་དགོས། དུས་མཚུངས་སྤྱོད་མཁན་ནས་མཉེན་ཆས་འདིའི་མགྲོན་སྣེ་དང་འབྲེལ་ཡོད་ཞབས་ཞུ་སྤྱོད་སྐབས་སྤྱོད་མཁན་གྱི་སྒྲིག་ཆས་དང་ཡངས་ལམ། བཞུར་ཚད་སོགས་ཀྱི་རྒྱུ་ཆ་ཟད་ངེས།

གཉིས་པ། མཉེན་ཆས་དབང་སྤྲོད་ཁྱབ་ཁོངས།

2.1 ཞའོ་མཱི་ནས་མཉེན་ཆས་འདི་ལྟར་སྤྱོད་མཁན་ལ་སྒེར་གྱི། བོགས་གཡར་མི་ཆོག་པ། དབང་སྒྱུར་མི་ཆོག་པ། ཁེར་བཟུང་རང་བཞིན་གྱི་ཆོག་མཆན་ཞིག་སྤྲད་པ་ཡིན།

2.2 སྤྱོད་མཁན་གྱིས་ཚོང་གཉེར་དམིགས་ཡུལ་མ་ཡིན་པའི་ཐོག་འབྲེལ་ཡོད་སྒྲིག་ཆས་སྟེང་མཉེན་ཆས་འདི་སྒྲིག་འཇུག་དང་། བེད་སྤྱོད། མངོན་འཆར། འཁོར་བསྐྱོད་བྱས་ཆོག ཡིན་ཡང་སྤྱོད་མཁན་ནས་ཚོང་གཉེར་དམིགས་ཡུལ་ངང་མཉེན་ཆས་འདི་སྒྲིག་འཇུག བེད་སྤྱོད། འཁོར་སྐྱོད་བྱེད་མི་ཆོག མཉེན་ཆས་འདིའམ་མཉེན་ཆས་འདི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་མཐའ་སྣེའི་སྒྲིག་ཆས་གང་རུང་སྒྲིག་ཆས་ནང་གི་གཞི་གྲངས་དང་མཉེན་ཆས་འདི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་མགྲོན་སྣེ་དང་ཞབས་ཞུ་ཆས་སྣེ་ཡི་འབྲེལ་ཚུགས་གཞི་གྲངས་བསྐྱར་སྐྲུན། བཟོ་བཅོས། འགྱུར་བཅོས། བཅད་སྦྲེལ་ཁོར་སྐྱོད་དམ་བརྩམས་ཆོས་འཕར་མ་རྩོམ་མི་ཆོག དེའི་རྣམ་པ་ནི་བར་གཞུག་བེད་སྤྱོད། ཕྱིར་སྣོན་ནམ་དབང་སྤྲོད་བརྒྱུད་མེད་པའི་ཕྱོགས་གསུམ་པའི་ལག་ཆ་/ཞབས་ཞུ་མཉེན་ཆས་འདི་ལ་མཐུད་པའི་འབྲེལ་ཡོད་བརྒྱུད་ཁོངས་སོགས་ཚུད་ཡོད། གལ་ཏེ་ཚོང་གཉེར་རང་བཞིན་གྱི་ཉོ་ཚོང་དང་བསྐྱར་སྐྲུན། བརྒྱུད་བསྐུར། དཔེར་ན་མཉེན་ཆས་སྔོན་སྒྲིག་དང་མཐུད་སྦྲེལ་སོགས་བྱེད་དགོས་ན། ཞའོ་མཱི་ཡི་ཤོག་ངོས་དབང་སྤྲོད་དང་ཆོག་མཆན་ངེས་པར་དུ་ཐོབ་དགོས།

2.3 སྤྱོད་མཁན་ནས་ཞའོ་མཱི་ཡི་ཆོག་མཆན་མེད་པར་མཉེན་ཆས་འདི་ཞའོ་མཱི་ནས་གསལ་བསྒྲགས་ཆོག་མཆན་ཐོབ་མེད་པའི་མཐའ་སྣེའི་སྒྲིག་ཆས་གཞན་སྟེང་སྒྲིག་འཇུག་བྱེད་མི་ཆོག

2.4 སྤྱོད་མཁན་གྱིས་མཉེན་ཆས་འདི་བཀོལ་སྤྱོད་དང་ཞབས་ཞུའི་དམིགས་ཡུལ་ལ་གཞིགས་ཏེ། མཉེན་ཆས་འདིའི་འདྲ་བཤུས་ཤིག་བསྐྱར་དཔར་བྱས་ཆོག དེའང་གྲབས་ཉར་ཁོ་ནར་བཀོལ་ཆོག གྲབས་ཉར་འདྲ་བཤུས་ལ་ངེས་པར་དུ་སྔར་གྱི་མཉེན་ཆས་ནང་དུ་འདུས་པའི་རྩོམ་གྱི་བདག་དབང་ཆ་འཕྲིན་ཚང་མ་འདུས་དགོས།

2.5 《སྤྱོད་མཁན་གྱི་གྲོས་མཐུན》ནང་གསལ་བསྒྲགས་དབང་སྤྲོད་བྱས་པ་ཕུད། ཞའོ་མཱི་ནད་སྤྱོད་མཁན་གཞན་ལ་དབང་སྤྲོད་བྱས་མེད། གལ་ཏེ་སྤྱོད་མཁན་ནས་དབང་ཆ་གཞན་སྤྱོད་དགོས་ན་ཞའོ་མཱི་ཡི་ཤོག་ངོས་མོས་མཐུན་ཐོབ་དགོས།

གསུམ་པ། བརྒྱུད་ཁོངས་རིམ་སྤར།

3.1 སྤྱོད་མཁན་མྱོང་བ་ཡར་རྒྱས་དང་ཞབས་ཞུའི་ནང་དོན་འཐུས་ཚང་དུ་གཏོང་ཆེད། ཞའོ་མཱི་ནས་སྐབས་བསྟུན་ངང་སྤྱོད་མཁན་ལ་མཉེན་ཆས་འདི་བརྗེ་སྒྱུར། བཟོ་བཅོས། པར་གཞི་རིམ་སྤར་སོགས་འདོན་སྤྲོད་བྱེད་པའི་དབང་ཆ་ཡོད། མཉེན་ཆས་འདིས་སྤྱོད་མཁན་ལ་སོར་འཇོག་ངང་“རིམ་སྤར་དྲན་བསྐུལ”བྱེད་ནུས་ཁ་འབྱེད་ཡོད། སྤྱོད་མཁན་ནས་བེད་སྤྱོད་པའི་པར་གཞིའི་ཁྱད་པར་ལས། ཞའོ་མཱི་ཡིས་སྤྱོད་མཁན་ལ་བྱེད་ནུས་འདི་ཁ་འབྱེད་དགོས་མིན་འདེམ་པ་འདོན་སྤྲོད་བྱས་ཡོད། མཉེན་ཆས་པར་གཞི་གསར་པ་བཀྲམ་རྗེས་ཞའོ་མཱི་ནས་པར་གཞི་རྙིང་པའི་མཉེན་ཆས་མུ་མཐུད་སྤྱོད་ཆོག་མིན་ཁག་ཐེག་མེད།

བཞི་པ། སྤྱོད་མཁན་ཐོ་འགོད་ཨང་ཐོ་འགོད་དང་ཐོ་འཇུག

4.1 མཉེན་ཆས་འདི་གའི་ཞབས་ཞུ་སྤྱོད་པའི་སྤྱོད་མཁན་གྱིས་ཞའོ་མཱིའི་ཐོ་འགོད་ཨང་གྲངས་ཐོ་འགོད་བྱེད་དགོས་ཀྱང་སྲིད། སྤྱོད་མཁན་གྱིས་ཞའོ་མཱིའི་ཐོ་འགོད་ཨང་གྲངས་ཐོ་འགོད་དང་། བེད་སྤྱོད་བྱེད་ཚེ《ཞའོ་མཱིའི་ཐོ་འགོད་ཨང་གྲངས་བེད་སྤྱོད་གྲོས་མཐུན》ལ་བསྟུན་དགོས།

ལྔ་པ། བརྒྱུད་ཁོངས་མཉེན་ཆས་དང་ཞབས་ཞུ།

5.1 སྤྱོད་མཁན་གྱིས་བརྒྱུད་སྐུར་སྒོ་མོས་མཁོ་འདོན་བྱས་པའི་ཡིག་རིགས་ཐག་གཅོད་དང་ལོ་ཙཱ། པར་རིས་དཔྱད་བཤེར་ཉོ་སྒྲུབ། དངོས་པོ་ངོས་འཛིན་སོགས་ཀྱི་ཞབས་ཞུའི་བྱེད་ནུས་བེད་སྤྱོད་གནང་ཆོག

5.2 བརྒྱུད་ཁོངས་མཉེན་ཆས་དང་ཞབས་ཞུ་ཁག་ཅིག་ལ་སྤྱོད་མཁན་གྱིས་གནས་ངེས་དང་སོ་སྔོན། གཞི་གྲངས་དྲ་བ་སོགས་ཁ་ཕྱེ་དགོས། བྱེད་ནུས་དེ་དག་བེད་སྤྱོད་བྱེད་དུས་སྤྱོད་མཁན་གྱིས་གནས་ངེས་དང་། སོ་སྔོན། གཞི་གྲངས་དྲ་བ་སོགས་བཀོལ་སྤྱོད་བྱེད་པའི་རྒྱབ་སྐྱོར་ཐོབ་པ་ཡིན།

5.3 བརྒྱུད་ཁོངས་མཉེན་ཆས་འགའ་འམ་ཞབས་ཞུ་ལ་ཁེར་རྐྱང་གི་སྤྱོད་མཁན་གྲོས་མཐུན་དང་ཞབས་ཞུའི་སྒྲིག་ལམ་སོགས་ཡོད། སྤྱོད་མཁན་ནས་མཉེན་ཆས་འདིའམ་ཞབས་ཞུ་ཁ་མ་འབྱེད་རང་ངོས་ནས་དེའི་གྲོས་མཐུན་ཀློག་ནས་མོས་མཐུན་བྱེད་དགོས།

དྲུག་པ། བེད་སྤྱོད་སྒྲིག་ལམ།

6.1 སྤྱོད་མཁན་ནས་ཁྲིམས་ལུགས་དང་གྲོས་མཐུན་འདིར་བརྩི་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོས་མཐུན་འདི་ལྟར་མཉེན་ཆས་འདི་དང་ཞབས་ཞུ་སྤྱོད་ཆོག སྤྱོད་མཁན་ནས་གཤམ་གྱི་བྱ་སྤྱོད་ཡོད་མི་ཉན:

6.1.1མཉེན་ཆས་འདི་དང་འཕར་མ་སྟེང་གི་པར་གཞིའི་འབྲེལ་ཡོད་ཆ་འཕྲིན་སུབ། དེ་བཞིན་མཉེན་ཆས་འདིས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྒྲིག་འགོད་བྱས་པའི་ལགས་རྩལ་དག་བཟོ་བཅོས་དང་སུབ་པ།

6.1.2 མཉེན་ཆས་འདིར་ཕྱོགས་ལྡོག་ལས་རྩོལ་བྱས་པ། དཔེར་ན་རྩོམ་སྒྲིག རྩོམ་སྒྱུར་ལྡོག་གམ་མཉེན་ཆས་འདིའི་ཚབ་ཨང་ཁུངས་ཐོབ་ལེན་བྱེད་འདོད་པ་དག

6.1.3 མཉེན་ཆས་འཁོར་སྐྱོད་བྱེད་བཞིན་པའི་སྐབས་ཀྱི་བཀའ་རྒྱ། གཞི་གྲངས། ཁ་སྣོན། སུབ་པ། མཉེན་ཆས་ཀྱི་བྱེད་ནུས་འགྱུར་བ་ཡང་ན་འཁོར་སྐྱོད་ནུས་པ་འགྱུར་བ་སོགས། ཡང་ན་ཚོང་གཉེར་དམིགས་ཡུལ་ཡིན་མིན་ལ་མི་ལྟོས་པར། གོང་དུ་ཞུས་པ་དག་བྱེད་པའི་སྤྱོད་སྒོ་ལྡན་པའི་མཉེན་ཆས་གཞན་ལ་བསྐུར་བའམ་ཁྱབ་བསྒྲགས་བྱེད་པ།

6.1.4 མཉེན་ཆས་འདི་སྤྱོད་ནས་དྲ་རྒྱའི་བདེ་འཇགས་གནོད་པའི་བྱ་སྤྱོད་སྤྱི། དཔེར་ན་ཆོག་མཆན་ཐོབ་མེད་པའི་གཞི་གྲངས་སྤྱོད་པའམ་ཆོག་མཆན་ཐོབ་མེད་པའི་ཞབས་ཞུ་ཆས་/ཐོ་འགོད་ཨང་ལ་འཛུལ་བ། ཆོག་མཆན་མེད་པར་སྤྱི་སྤྱོད་དྲ་བའམ་གཞན་གྱིས་བཀོལ་བའི་བརྒྱུད་ཁོངས་ལ་འཛུལ་ནས་ཉར་ཚགས་ཆ་འཕྲིན་སུབ་པའམ། བཟོ་བཅོས། ཁ་སྣོན་བྱེད་པ། ཆོག་མཆན་མེད་པར་མཉེན་ཆས་འདིའི་བརགྱུད་ཁོངས་ལ་ཞིབ་དཔྱད། བཤེར་འབེབས། ཚོད་འཛིན་དང་། དྲ་རྒྱ་སྐྱོ་ས་ཚོད་འཛིན་དང་གཞན་དྲ་རྒྱའི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད། མཉེན་འཆས་འདིའི་བརྒྱུད་ཁོངས་སམ་དྲ་ཚིགས་ཀྱི་རྒྱུན་གཏན་འཁོར་སྐྱོད་ལ་ཐད་གཏོགས་དང་གཏོར་བ། ངན་སེམས་བྱ་རིམ་མམ་ནད་དུག་འགྲེམ་ནས་རྒྱུན་གཏན་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་ལ་གནོད་པའི་བྱ་སྤྱོད། TCP/IPགཞི་གྲངས་ཐུམ་གྱི་མིང་ངམ་ཆ་ཤས་རྫུན་བཟོའི་བྱ་སྤྱོད།

6.1.5 སྤྱོད་མཁན་ནས་ཞའོ་མཱི་མིན་པའི་ཀུང་སི་ནས་གསར་སྤེལ་དང་དབང་སྤྲོད་མོས་མཐུན་ཐོབ་པའི་ཕྱོགས་གསུམ་པའི་མཐུན་པའི་མཉེན་ཆས་བརྒྱུད་ཁོངས་བརྒྱུད་ནས་མཉེན་ཆས་འདིར་ཐོ་འཇུག་པའམ་དེའི་ཞབས་ཞུ་སྤྱོད་པ། གོང་གསལ་གྱི་ལག་ཆ་བཟོ་བ། འགྲེམ་པ། བརྒྱུད་བསྐུར་སོགས་བྱེད་པ།

6.1.6 ཞའོ་མཱི་ཡི་ཡིག་ཐོག་མོས་མཐུན་མེད་པར་སྤྱོད་མཁན་ནས་མོས་མཐུན་མེད་པར། སྤྱོད་མཁན་གྱིས་མཉེན་ཆས་ནང་གི་ཆ་འཕྲིན་ལ་རང་དགར་གཤམ་གསལ་བྱ་སྤྱོད་བྱེད་མི་ཆོག བེད་སྤྱོད། གཡར་བ། བོགས་གཡར། བསྐྱར་སྐྲུན། བཟོ་བཅོས། དྲ་ཚིགས་སྐྲུན་པ། བརྒྱུད་བསྐུར། རྩོམ་སྒྲིག འགྲེམ་སྤེལ། པར་སྐྲུན། མེ་ལོང་ཚེགས་གནས་སྐྲུན་པ། རང་དགར་མཉེན་ཆས་འདི་ལ་བརྟེན་ནས་ཐོན་རྫས་འཕར་མ། བརྩམས་ཆོས། ཞབས་ཞུ། བར་གཞུག ཕྱིར་འཇོག མཐུན་སྦྱོར། མཉམ་སྦྲེལ་སོགས་བྱེད་མི་ཆོག

6.1.7 མཉེན་ཆས་འདི་སྤྱད་ནས་སྤྱོད་མཁན་གནས་ཡུལ་གྱི་ས་གནས་སམ་རྒྱལ་ཁབ་འདི་གའི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་ནང་དོན་སྤེལ་བ་དང་། བསྐུར་བ། བརྒྱུད་སྤེལ། གསོག་འཇོག་སོགས་བྱས་པ།

6.1.8 མཉེན་ཆས་འདི་སྤྱོད་ནས་གཞན་གྱི་ཤེས་ཡོན་ཐོན་དབང་དང་། ཚོང་ལས་གསང་བ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སོགས་ཀྱི་ནང་དོན་འགྲེམ་སྤེལ། བརྒྱུད་སྐྱེལ། བརྒྱུད་བསྐུར། གསོག་ཉར་སོགས་བྱེད་མི་ཆོག

6.1.9 མཉེན་ཆས་འདི་སྤྱོད་ནས་སྡེབ་གཅིག་ཏུ་བརྡ་ཁྱབ་ཆ་འཕྲིན་དང་གད་རྙིགས་ཆ་འཕྲིན་འགྲེམ་སྤེལ། བརྒྱུད་སྐྱེལ། བརྒྱུད་བསྐུར་སོགས་བྱེད་མི་ཆོག

6.1.10 གཞན་ཁྲིམས་འགལ་གྱི་ཐབས་ལམ་དང་ཁྲིམས་འགལ་དམིགས་ཡུལ། གྲོས་མཐུན་འདི་དང་མི་མཐུན་པའི་ཐབས་ལམ་ལྟར་མཉེན་ཆས་འདི་དང་ཞའོ་མཱི་ནས་འདོན་སྤྲོད་བྱས་པའི་ཞབས་ཞུ་གཞན་སྤྱོད་མི་ཆོག

6.2 ཆ་འཕྲིན་འགྲེམ་སྤེལ་ཚད་གཞི།

6.2.1 སྤྱོད་མཁན་ནས་མཉེན་ཆས་འདིས་འགྲེམ་པའི་ཆ་འཕྲིན་ནང་དོན་སྤྱོད་ན། སྤྱོད་མཁན་ལ་སྤྱོད་མཁན་ནས་ཡར་སྐྱེལ་བྱས་པའི་ཆ་འཕྲིན་གྱི་ཤེས་བྱའི་བདག་དབང་ངམ་ཁྲིམས་མཐུན་དབང་སྤྲོད་ཐོབ་པ་དང་། སྤྱོད་མཁན་ནས་མཉེན་ཆས་འདི་དང་ཞབས་ཞུ་སྤྱོད་པ་དེས་ཕྱོགས་གསུམ་པ་གང་རུང་གི་ཁེ་དབང་ལ་གནོད་མེད་པ་ཁས་ལེན་དགོས།

6.2.2 སྤྱོད་མཁན་ནས་མཉེན་ཆས་འདི་སྤྱོད་སྐབས་མཉེན་ཆས་འདི་སྤྱོད་ནས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག དེ་དག་དང་གཞན་ཡང་ཚུད་ཡོད།:

6.2.2.1 ས་གནས་འདི་གའི་རྒྱལ་ཁབ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་ནང་དོན་བཟོ་བ་དང་། འདྲ་བཤུ། ཁྱབ་སྤེལ། བསྐུར་བ། གསོག་འཇོག་སོགས་བྱེད་པ།

6.2.2.2 མི་གཞན་གྱི་མིང་གྲགས་དབང་ཆ་དང་། འདྲ་པར་དབང་ཆ། ཤེས་བྱའི་ཐོན་དབང་། ཚོང་ལས་གསང་བ་སོགས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བའི་གཏོང་བའི་ནང་དོན་སྤེལ་བ་དང་། བསྐུར་བ། བརྒྱུད་སྤེལ། གསོག་འཇོག་སོགས་བྱས་པ།

6.2.2.3 རྫུན་བཟོ་དང་། གནས་ཚུལ་ངོ་མ་སྦས་གསང་ལ་བརྟེན་ནས་མི་གཞན་དག་ལོག་ལམ་དུ་འཁྲིད་པ།

6.2.2.4 བརྡ་ཁྱབ་ཆ་འཕྲིན་དང་གད་རྙིགས་ཆ་འཕྲིན་འགྲེམ་སྤེལ། བརྒྱུད་བསྐུར། བརྒྱུད་སྐྱེལ།

6.2.2.5 ཁུལ་དེའི་ཁྲིམས་སྲོལ་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་གཞན་དག

6.2.3 ཞའོ་མཱི་ནས་ཆོག་མཆན་མ་སྤྲད་གོང་། སྤྱོད་མཁན་ནས་མཉེན་ཆས་ནང་བརྡ་ཁྱབ་དང་། ཚོང་གཉེར་སོགས་ཀྱི་ཚོང་ལས་བྱ་སྤྱོད་བྱེད་མི་ཆོག

6.3 ཁྱེད་ཀྱིས་རྒྱུས་ལོན་རྗེས་མོས་མཐུན་བྱུང་བ།:

6.3.1 ཞའོ་མཱི་ནས་སྤྱོད་མཁན་གྱིས་གོང་གསལ་གནད་དོན་དང་འགལ་མིན་ལ་གཏན་འཁེལ་བྱས་ནས། མཇུག་འབྲས་ལྟར་སྤྱོད་མཁན་འདིའི་བེད་སྤྱོད་ཆོག་མཆན་བར་མཚམས་འཇོག་པའམ་མཚམས་འཇོག་པ། ཡང་ན་གྲོས་མཐུན་འདི་ལྟར་བཀོལ་ཆོག་པའི་ཚོད་འཛིན་བཀོལ་སྤྱོད་ལ་བསྟར་བྱ་ངེས།

6.3.2 སྤྱོད་མཁན་ནས་ཆོག་མཆན་མཉེན་ཆས་སྤྱོད་སྐབས་འགྲེམ་སྤེལ་བྱས་པའི་ཁྲིམས་འགལ་ལ་དོགས་པ་དང་གཞན་གྱིས་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གྲོས་མཐུན་འདིའི་ནང་དོན་དང་འགལ་བ་ཡོད་ན། ཞའོ་མཱི་ནས་ཐད་ཀར་སུབ་ངེས།

6.3.3 སྤྱོད་མཁན་གྱིས་གོང་སྨོས་ཀྱི་བཀོལ་སྤྱོད་ཚད་གཞི་ལས་འགལ་ཏེ་ཕྱོགས་གསུམ་པར་གནོད་སྐྱོན་བཟོས་རིགས། སྤྱོད་མཁན་གྱིས་རང་ཉིད་ཀྱི་མིང་ཐོག་ནས་རང་ཚུགས་ཀྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། ཞའོ་མཱི་ལ་དེའི་རྐྱེན་གྱིས་གྱོང་གུན་མི་ཕོག་པ་དང་འགྲོ་གྲོན་འཕར་སྣོན་ཡོང་བར་ཁག་ཐེག་བྱ་དགོས།

6.3.4 གལ་ཏེ་སྤྱོད་མཁན་ནས་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་དང་ཞའོམཱི་གྲོས་མཐུན་ལས་འགལ་བའི་རྐྱེན་གྱིས། ཞའོ་མཱི་ལ་གྱོང་གུན་བྱུང་བ། ཕྱོགས་གསུམ་པས་གྱོབ་གསབ་ལེན་པ། སྲིད་འཛིན་དོ་དམ་ཚན་པའི་འབྲེལ་ཡོད་ཉེས་ཆད་ཐོབ་ན། སྤྱོད་མཁན་ནས་ཞའོ་མཱི་ལ་དེ་ལས་རྐྱེན་པས་བྱུང་བའི་གྱོང་གུན་དང་རིན་པ་སྤྲོད་དགོས། དེའི་ནང་འོས་འཚམས་ཀྱི་གྱོད་གཅོད་རིན་པ། ཞིབ་དཔྱད་དཔང་ལེན་རིན་པ་སོགས་ཚུད་ཡོད།

བདུན་པ། ཕྱོགས་གསུམ་པའི་ལག་རྩལ/ཞབས་ཞུ་གསལ་བཤད།

7.1 སྤྱོད་མཁན་ནས་རྒྱུས་ལོན་དང་མོས་མཐུན་བྱེད་དགོས་པར། བརྒྱུད་སྐུར་སྒོ་མོའི་ནང་ཞའོ་མཱི་ཡི་མཉམ་སྦྲེལ་ཕྱོགས་སམ་ཕྱོགས་གསུམ་པ་འདོན་སྤྲོད་བྱས་པའི་ལག་རྩལ་ལམ་ཞབས་ཞུ་ཚུད་ཡོད་ངེས། ཞའོ་མཱི་ནས་སྤྱོད་མཁན་བཀོལ་སྤྱོད་སྟབས་བདེ་ཆེད་བརྒྱུད་སྐུར་སྒོ་མོས་འབྲེལ་ཡོད་དཔེ་ཁུལ་འདོན་སྤྲོད་བྱས་པ་ཡིན། ཕྱོགས་གསུམ་པའི་ལག་རྩལ/ཞབས་ཞུ་ཡི་བེད་སྤྱོད་འཇུག་སྒོ་འདོན་སྤྲོད།

7.2 ཕྱོགས་གསུམ་པའི་ལག་རྩལ་ལམ་ཞབས་ཞུ་ནི་བརྒྱུད་སྐུར་སྒོ་མོའི་ཞབས་ཞུའི་ནང་སྔོན་སྒྲིག་བྱས་པ་ཡིན་པའམ། ཡང་ན་སྤྱོད་མཁན་རང་ངོས་ནས་ཁ་འབྱེད་པའམ་མངག་ཉོ་བྱས་པ་ཡིན་ན། སྤྱོད་མཁན་ནས་ཀུན་རྒྱུས་ལོན་ནས་མོ་མཐུན་བྱས་པ་ཡིན། ཞའོ་མཱི་ནས་ཕྱོགས་གསུམ་པའི་ལག་རྩལ་ལམ་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱི་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན། དེ་བཞིན་ཕྱོགས་གསུམ་པའི་ལག་རྩལ/ཞབས་ཞུའི་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན། བདེ་འཇགས་རང་བཞིན་ལ་གསལ་སྟོན་ནམ་སྦས་དོན་གྱི་གཏན་ཉར་དང་ཁག་ཐེག་བྱེད་མི་སྲིད།

7.3 མཉེན་ཆས་འདིས་ཕྱོགས་གསུམ་པའི་བྱེད་ནུས་/ཞབས་ཞུར་ལྟ་སྐུལ་མི་བྱེད་པས། དེ་དག་ལ་ཚོད་འཛིན་བྱ་དབང་གང་ཡང་མེད་ལ། ཕྱོགས་གསུམ་པའི་བྱེད་ནུས་/ཞབས་ཞུས་ཐབས་དང་རྣམ་པ་གང་བརྒྱུད་དེ་ཁས་ལེན་དང་འགན་ལེན་བྱས་དོན་ཁང་ལའང་འགན་འཁྲི་མི་འཁུར།

7.4 སྤྱོད་མཁན་དང་ཕྱོགས་གསུམ་པའི་བྱེད་ནུས་/ཞབས་ཞུ་མཁོ་འདོན་མཁན་བར་རྩོད་རྙོག་གང་ཞིག་བྱུང་རུང་། ཕན་ཚུན་གཉིས་པོས་ཕྱོགས་གསུམ་པའི་བྱེད་ནུས་/ཞབས་ཞུས་མཁོ་འདོན་ཚན་པའི་ལས་སྒོའི་གོ་རིམ་དང་སྒྲིག་སྲོལ་བཞིན་རང་འགུལ་ངང་ཐག་གཅོད་དགོས་པ་ལས། ཞའོ་མཱིས་དེ་རིགས་ལ་འགན་མི་འཁུར།

བརྒྱད་པ། གསང་དོན་སྲིད་ཇུས་དང་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་།

8.1 ཞའོ་མཱི་ཡིས་ཐོན་རྫས་འདིའི་གསང་དོན་སྲིད་ཇུས་ལ་གཞིགས་ནས་སྤྱོད་མཁན་གྱི་གསང་ལ་སྲུང་སྐྱོབ་བྱེད་དགོས། ཞིབ་ཕྲ་:https://privacy.mi.com/taplus/bo_CN/

དགུ་པ། སྒྲིག་འགལ་འགན་འཁྲི།

9.1 ཞའོ་མཱི་ནས་སྤྱོད་མཁན་གྱི་བྱ་སྤྱོད་ནི་ཞབས་ཞུའི་གྲོས་མཐུན་འདིར་གཏན་འབེབས་བྱས་པའི་དབང་ཆ་དང་མཐུན་མིན་ལ་བརྟག་དཔྱད་བྱེད་པའི་དབང་ཆ་ཡོད། གལ་ཏེ་སྤྱོད་མཁན་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལམ་གྲོས་མཐུན་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་བ་ཡིན་ན། སྤྱོད་མཁན་གྱི་བྱ་སྤྱོད་ནས་འགལ་བའི་ཚད་ལ་གཞིགས་ནས་ཞའོ་མཱི་ཡིས་སྤྱོད་མཁན་མི་བརྒྱུད་པར་སྒྲིག་འགལ་ཆ་འཕྲིན་སུབ་པའམ། ཚོད་འཛིན། སྤྱོད་མཁན་ནས་མཉེས་ཆས་འདི་བེད་སྤྱོད་བར་མཚམས་འཇོག་པ། མཚམས་འཇོག་བྱེད་པ། སྤྱོད་མཁན་གྱི་ཁྲིམས་ལུགས་ཀྱི་འགན་འཁྲི་གཞན་དག་བདའ་འདེད་བྱས་པ་དང་ཞའོ་མཱི་ནས་འོས་འཚམས་ཡིན་པར་སྙམ་པའི་ཐག་གཅོད་བྱེད་ཐབས་བཀོལ་བའི་དབང་ཆ་ཡོད། གལ་ཏེ་ཞའོ་མཱི་གྱོང་གུན་གང་རུང་ཞིག་བྱུང་ན(དེའི་ནང་ཕྱོགས་གསུམ་པའི་གྱོང་གསབ་དེད་པ་དང་སྲིད་འཛིན་དོ་དམ་ཚན་པའི་ཉེས་ཆད་ཚུད་ཡོད)སྤྱོད་མཁན་ནས་འགན་ཚང་མ་ཁྱེར་དགོས།

བཅུ་པ། ཞབས་ཞུའི་ཉེན་ཁ་དང་འགན་མེད་གསལ་བསྒྲགས།

10.1 ཞའོ་མཱི་མིག་སྔའི་ལག་རྩལ་ནས་ལག་རྩལ་ཞབས་ཞུ་འདོན་སྤྲོད། ཞའོ་མཱི་ནས་མཉེན་ཆས་འདི་ཞབས་ཞུའི་སྐབས་བར་ཆད་མེད་པའམ་ནོར་འཁྲུལ་མེད་པ་ཁག་ཐེག་མེད། དེས་མཉེན་ཆས་འདིའི་ཞབས་ཞུའི་སྐྱོན་དག་བཅོས་ལ་ཁག་ཐེག་མེད་ལ། མཉེན་ཆས་འདིའི་ཞབས་ཞུས་སྤྱོད་མཁན་གྱི་རེ་འདུན་ཡོངས་སྐོང་ཐུབ་པའི་ཁག་ཐེག་མེད། དེ་ལས་ཐོན་པའི་མཇུག་འབྲས་ནི་ཞའོ་མཱི་ནས་འགན་ཁུར་མི་བྱེད།

10.2 སྤྱོད་མཁན་ལ་ཕྱོགས་གསུམ་པར་འཕྲིན་སྐྱེལ་སྐུད་ལམ་ལ་སྐྱོན་ཤོར་བ་དང་། ལག་རྩལ་གྱི་གནད་དོན། དྲ་བ། གློག་ཀླད་བཅས་ཀྱི་མཐའ་སྣེའི་སྒྲིག་ཆས་ལ་སྐྱོན་བྱུང་བ། མ་ལག་བརྟན་པོ་མེད་པ། དེ་བཞིན་འགོག་ཐབས་བྲལ་བའི་རྐྱེན་ངན་སྣ་ཚོགས་བྱུང་བ་བཅས་ཀྱི་རྐྱེན་ལས་གྱོང་གུན་བྱུང་རིགས། ཞའོ་མིས་འགན་འཁྲི་འཁུར་མི་དགོས།

10.3 ཞའོ་མཱི་ནས་མཉེན་ཆས་དེ་བརྒྱུད་ནས་ཐོབ་པའི་ཆ་འཕྲིན་དང་ནང་དོན(འཐེན་པའི་ཕྱོགས་གསུམ་པའི་ནང་དོན་སོགས)གྱི་ཁྲིམས་མཐུན་རང་བཞིན། དྲང་བདེན་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་ལ་ལ་ཁག་ཐེག་མེད། ཞའོ་མཱི་ནས་སྤྱོད་མཁན་འདྲི་རྩད། ལྟ་བའི་བྱ་སྤྱོད་གང་རུང་ལས་ཐོན་པའི་མཇུག་འབྲས་ལ་འགན་ཁུར་མི་སྲིད།

10.4 མཉེན་ཆས་འདི་དང་དྲ་རྒྱའི་མཉེན་ཆས་གཞན་དང་འདྲ་བར། སྤྱོད་མཁན་གྱི་རྒྱུ་རྐྱེན་དང་། དྲ་རྒྱའི་ཞབས་ཞུའི་སྤུས་ཚད། སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ཁྱད་པར་སོགས་དང་། བདེ་འཇགས་གནད་དོན་སྣ་ཚོགས་ཀྱིས་སུན་བཟོ། དཔེར་ན་གཞན་གྱིས་སྤྱོད་མཁན་གྱི་རྒྱུ་ཆ་སྤྱོད་ནས་དངོས་ཡོད་འཚོ་བའི་ནང་གི་སུན་བཟོ། སྤྱོད་མཁན་ནས་ཕབ་ལེན་སྒྲིག་འཇུག་བྱས་པའི་མཉེན་ཆས་གཞན་ནམ“ཁྲོར་ཡི་ཤིང་རྟ་ནད་དུག”ཡོད་པའི་དྲ་ཚིགས་གཞན་ལ་འཚམས་འདྲི་བྱས་ནས་སྤྱོད་མཁན་གྱི་མཐའ་སྣེའི་སྒྲིག་ཆས་ཆ་འཕྲིན་དང་གཞི་གྲངས་བདེ་འཇགས་ལ་སྐྱོན་རྒྱག་པ་དང་། མཉེན་ཆས་འདིའི་རྒྱུན་གཏན་བེད་སྤྱོད་ལ་སྐྱོན་བརྒྱབ་པ་སོགས། སྤྱོད་མཁན་ནས་ཆ་འཕྲིན་བདེ་འཇགས་དང་སྤྱོད་མཁན་གྱི་རྒྱུ་ཆའི་སྲུང་སྐྱོང་ལྟ་བ་ཤུགས་སྣོན་བྱེད་དགོས་པ་དང་། གྱོང་གུན་དང་སུན་བཟོ་མི་ཡོང་ཆེད། གསང་གྲངས་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་དགོས།

10.5 སྤྱོད་མཁན་ནས་ཕྱོགས་གསུམ་པའི་ཞབས་ཞུ་སྤྱོད་སྐབས་ཕྱོགས་གསུམ་པས་སྤྱོད་མཁན་གཞི་གྲངས་ལ་ཀློག་འདོན་བྱེད་སྲིད་ལ། ཞའོ་མཱི་ནས་ཕྱོགས་གསུམ་པའི་བརྒྱུད་ཁོངས་སམ་ཕྱོགས་གསུམ་པའི་མཉེན་ཆས་ནས་མཇུག་འབྲས་ཀྱི་བདེ་འཇགས་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་དང་གཞན་གཏན་འཁེལ་མེད་པའི་ཉེན་ཁ་མངོན་འགྱུར་བྱེད་པར་ཁག་ཐེག་མེད། སྤྱོད་མཁན་ནས་ཡིད་གཟབ་ངང་ཐག་བཅད་དགོས་ལ། དེ་ལས་ཐོན་པའི་གྱོད་དོན་དང་གྱོང་གུན་ཀུན་ནི་ཞའོ་མཱི་ནས་འགན་ཁུར་མི་སྲིད། སྤྱོད་མཁན་ནས་ཕྱོགས་གསུམ་པའི་ཞབས་ཞུ་སྤྱོད་སྐབས་ཕྱོགས་གསུམ་པས་སྤྱོད་མཁན་གཞི་གྲངས་ལ་ཀློག་འདོན་བྱེད་སྲིད་ལ། ཞའོ་མཱི་ནས་ཕྱོགས་གསུམ་པའི་བརྒྱུད་ཁོངས་སམ་ཕྱོགས་གསུམ་པའི་མཉེན་ཆས་ནས་མཇུག་འབྲས་ཀྱི་བདེ་འཇགས་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་དང་གཞན་གཏན་འཁེལ་མེད་པའི་ཉེན་ཁ་མངོན་འགྱུར་བྱེད་པར་ཁག་ཐེག་མེད། སྤྱོད་མཁན་ནས་ཡིད་གཟབ་ངང་ཐག་བཅད་དགོས་ལ། དེ་ལས་ཐོན་པའི་གྱོད་དོན་དང་གྱོང་གུན་ཀུན་ནི་ཞའོ་མཱི་ནས་འགན་ཁུར་མི་སྲིད།

10.6 ཞའོ་མཱི་ནས་སྤྱོད་མཁན་རྣམས་ལ་དམིགས་བསལ་དྲན་སྐུལ་ཞུ་རྒྱུར། ཞའོ་མཱི་ནས་ཀུང་སིའི་ལས་སྒོའི་འཕེལ་རྒྱས་དང་ལེགས་སྒྲིག་བྱེད་པའི་རང་འགུལ་དབང་ཆ་ཁག་ཐེག་བྱ་ཆེད། ཞའོ་མཱི་ཡིས་ལུགས་མཐུན་གྱི་ཐབས་ལམ་སྤྱད་ནས་སྤྱོད་མཁན་ལ་བརྡ་སྦྱོར་སྤེལ་རྗེས་དུས་ངེས་མེད་ལ་ཞབས་ཞུ་བཟོ་བཅོས་དང་ཁ་བཀག་ཆོག

10.7 ཁྲིམས་ལུགས་ལ་གསལ་བར་བཀོད་པ་ཕུད། ཞའོ་མཱི་ནས་ནུས་ཤུགས་ཡོད་རྒུད་མཉེན་ཆས་དང་དེ་འབྲེལ་གྱི་ལག་རྩལ་དང་ཆ་འཕྲིན་བདེ་འཇགས། ནུས་ལྡན། ཡང་དག ཡིད་རྟོན་རུང་བར་ཁག་ཐེག་བྱ་ངེས། ཡིན་ཡང་ད་ལྟའི་ལག་རྩལ་གྱིས་ཚོད་འཛིན་བྱས་རྐྱེན། སྤྱོད་མཁན་ནས་ཞའོ་མཱི་ནས་དེར་ཁག་ཐེག་བྱེད་མི་ཐུབ་པར་བསམ་གཞིགས་བྱེད་ཐུབ།

10.8 སྤྱོད་མཁན་ནས་གཤམ་གསལ་གནད་དོན་གང་རུང་ལས་བྱུང་བའམ་དེ་དང་བྱུང་བའི་ལུས་པོའི་གནོད་འཚེ་དང་། འབྲེལ་ཡོད་དང་གཞན་བརྒྱུད་ཀྱི་་དཔལ་འབྱོར་གྱོང་གུན་སྒོར་གསབ་བྱུང་བ། ཁེ་བཟང་གྱོང་གུན། ལས་དོན་བར་ཆད་ལས་བྱུང་བའི་གྱོང་གསབ་བམ་ཚོང་ལས་གྱོང་གསབ་བམ་གྱོང་གུན་ནི་སྤྱོད་མཁན་རང་གིས་འགན་འཁུར་དགོས།

(1)བེད་སྤྱོད་པའམ་བེད་སྤྱོད་མ་ཐུབ་པའི་ཆོག་མཆན་མཉེན་ཆས།

(2)ཕྱོགས་གསུམ་པ་ནས་ཆོག་མཆན་ཐོབ་མེད་པའི་བེད་སྤྱོད་མཉེན་ཆས་སམ་སྤྱོད་མཁན་གྱི་གཞི་གྲངས་འགྱུར་བ།

(3)སྤྱོད་མཁན་ནས་མཉེན་ཆས་སྤྱོད་ནས་བྱུང་བའི་བྱ་སྤྱོད་ལས་བྱུང་བའི་རིན་པ་དང་གྱོང་གུན།

(4)སྤྱོད་མཁན་གྱིས་མཉེན་ཆས་ལ་བྱུང་བའི་གོ་ནོར།

(5)ཞའོ་མཱི་ཡི་རྒྱུ་རྐྱེན་མིན་པ་ལས་བྱུང་བའི་མཉེན་ཆས་འབྲེལ་ཡོད་གྱོང་གུན།

10.9 སྤྱོད་མཁན་གྱིས་ཞའོ་མཱི་ཡིས་ཁྲིམས་འཛིན་དང་། ལྟ་སྐུལ་དོ་དམ་སྡེ་ཁག ལྟ་སྐུལ་ལས་ཁུངས་བཅས་ཀྱི་རེ་བ་ཇི་བཞིན། ཡང་ན་རང་ཉིད་ཀྱི་ལས་སྒོའི་རྒྱུན་རྐྱེན་གྱིས་སྤྱོད་མཁན་ལ་ཞབས་ཞུ་ཆ་ཚང་ངམ་ཆ་ཤས་གནས་སྐབས་མཚམས་འཇོག་དང་། རྒྱུན་བཅད་པའམ་ཡོངས་སུ་མཚམས་འཇོག་བྱ་རྒྱུར་མོས་མཐུན་ཡོད། གནད་དོན་འདིར་ཞའོ་མཱི་ཡིས་འགན་འཁྲི་གང་ཡང་འཁུར་མི་དགོས།

10.10 སྤྱོད་མཁན་ནས་ཞའོ་མཱི་ཡིས་ཚོང་ལས་སྟེང་གི་འོས་འཚམས་འབད་བརྩོན་བྱས་ནས་སྤྱོད་མཁན་ནི་མཉེན་ཆས་འདི་དང་ཞབས་ཞུའི་ནང་གི་གཞི་གྲངས་ཉར་ཚགས་བདེ་འཇགས་ཁག་ཐེག་བྱེད་པར་མོས་མཐུན་དང་བསམ་ཤེས་ཡོད། སྤྱོད་མཁན་ནས་ཤེས་རྟོགས་དགོས་པ་ཞིག་ལ། ཞའོ་མཱི་ནས་ཞབས་ཞུའི་ནང་གི་གཞི་གྲངས་སུབ་པའམ་ཉར་ཚགས་སམ་གྲབས་ཉར་བྱེད་མི་ཐུབ་པར་འགན་ཁྱེར་མི་སྲིད།

10.11 སྤྱོད་མཁན་གྱིས་རི་མོ་དང་བརྙན་འཕྲིན་གྱི་ཆ་འཕྲིན་བརྒྱུད་སྐུར་དང་མཉམ་སྤྱོད་བྱས་པའི་རྐྱེན་གྱིས་ཕྱོགས་གསུམ་པ་གང་རུང་ཞིག་གིས་གྱོང་གསབ་ལེན་པའི་རེ་བ་བཏོན་པའམ་ཡང་ན་བསྐྱར་འགྱུར་གྱི་གནོད་འཚེ་དང་གྱོང་གུན་གང་རུང་དག་ལ། སྤྱོད་མཁན་གྱིས་འགན་ཚང་མ་འཁུར་དགོས་པ་དང་ཞའོ་མཱི་དང་འབྲེལ་བ་མེད་པས་ཞའོ་མཱི་ཡིས་འགན་འཁྲི་གང་ཡང་འཁུར་མི་དགོས།

བཅུ་གཅིག ཤེས་བྱའི་བདག་དབང་གསལ་བསྒྲགས།

11.1 ཞའོ་མཱི་ནི་མཉེན་ཆས་འདིའི་ཤེས་བྱའི་ཐོན་དངོས་བདག་དབང་གི་ཁེ་དབང་འཛིན་མཁན་ཡིན། མཉེན་ཆས་འདིའི་རྩོམ་དབང་དང་། ཚོང་རྟགས་དབང་། ཆེད་ཁེའི་དབང་། ཚོང་ལས་གསང་བ་སོགས་ཤེས་བྱའི་བདག་དབང་ཀུན་དང་། མཉེན་ཆས་འདིའི་འབྲེལ་ཡོད་ཀྱི་ཆ་འཕྲིན་ནང་དོན་ཡོངས(ཡི་གེ་དང་། པར་རིས། སྒྲ་ཟློས། བརྙན་ཟློས། པར་རིས་རེའུ་མིག ཤོག་ངོས་འཆར་འགོད། པར་ངོས་སྒྲིག་གཞི། འབྲེལ་ཡོད་གཞི་གྲངས་སམ་གློག་རྡུལ་ཡིག་ཚགས་སོགས་ཚུད་ལ་དེས་མི་ཚད།)ཀུན་ནི་གནས་འདིའི་ཁྲིམས་སྲོལ་ཁྲིམས་ལུགས་དང་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་གི་སྲུང་སྐྱོང་ཐོབ་ཡོད། ཞའོ་མཱི་ལ་གོང་ཞུས་ཀྱི་ཤེས་བྱའི་བདག་དབང་ལྡན་ཡོད།

11.2 ཞའོ་མཱི་ཡིག་ཤོག་ངོས་མིས་མཐུན་མེད་པར། སྤྱོད་མཁན་ནས་ཚོང་ལས་སམ་ཚོང་ལས་དམིགས་ཡུལ་ངང་རང་ངོས་སམ་ཕྱོགས་གསུམ་པར་གོང་གསལ་ཤེས་བྱའི་བདག་དབང་སྤྱོད་པ། བོགས་གཡར་སོགས་ཆོག་མཆན་སྤྲོད་མི་ཆོག ཞའོ་མཱི་ནས་གོང་གསལ་བྱ་སྤྱོད་ཀྱི་ཁྲིམས་ལུགས་འགན་འཁྲི་དེད་པའི་དབང་ཆ་ཉར་ཚགས་བྱས་ཡོད།

བཅུ་གཉིས། ལོ་ན་མ་སོན་པའི་ན་གཞོན་གྱི་བེད་སྤྱོད་དོན་ཚན།

12.1 གལ་ཏེ་སྤྱོད་མཁན་ནི་ལོ་ན་18མི་སོན་པའི་ན་གཞོན་ཡིན་ན། ལྟ་སྐྱོང་མཁན་གྱི་གྟ་སྐྱོང་དང་། མཛུབ་སྟོན། ལྟ་སྐྱོང་མཁན་གྱི་མོས་མཐུན་འོག་གྲོས་མཐུན་འདི་ཀློག་པ་དང་མཉེན་ཆས་འདིའི་འབྲེལ་ཡོད་ཞབས་ཞུ་སྤྱོད་དགོས།

12.2 ན་གཞོན་སྤྱོད་མཁན་གྱི་དམིགས་བསལ་དྲན་བསྐུལ།:

12.2.1 ན་གཞོན་ནས་ཞབས་ཞུ་འདི་སྤྱོད་སྐབས་ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་མཛུབ་སྟོན་འོག འོས་འཚམས་ཡང་དག་ངང་དྲ་རྒྱ་སྤྱོད་པར་སློབ་སྦྱོང་བྱེད་དགོས། དྲ་རྒྱའི་བར་སྟོང་ལ་དབྱིངས་མི་ཞུགས་པ་དང་དྲ་འཇུག་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་དགོས།

12.2.2 ན་གཞོན་སྤྱོད་མཁན་ནས་ངེས་པར་དུ་《རྒྱལ་ཡོངས་ན་གཞོན་དྲ་རྒྱའི་དཔལ་ཡོན་སྤྱི་ཆིངས་》བརྩི་སྲུང་བྱེད་དགོས:

(1)དྲ་འཇུག་སློབ་སྦྱོང་བྱེད་པ་ལས། ནང་དོན་ཐ་ཤལ་ལྟ་མི་འོས།

(2)དྲང་བདེན་བགྲོ་གླེང་བྱེད་པ་ལས། གཞན་སྨོད་རྫུན་ཤོད་བྱེད་མི་རུང་།

(3)རང་སྲུང་ལྟ་བ་ཤུགས་སྣོན་ལས། རང་དགར་དྲ་གྲོགས་འཕྲད་མི་རུང་།

(4)དྲ་རྒྱའི་བདེ་འཇགས་སྲུང་བ་ལས། དྲ་རྒྱའི་སྒྲིག་ལམ་བརླག་མི་ཉན།

(5)ལུས་སེམས་བདེ་ཐང་ཕན་པ་ལད། རྟོག་བཟོའི་བར་སྟོང་ལ་དབྱིངས་ཞུགས་མི་ཉན།

བཅུ་གསུམ། གྲོས་མཐུན་འགྱུར་བ།

13.1 ཞའོ་མཱི་ཀུང་སིར་དུས་ཚོད་དགོས་ངེས་ལ་གྲོས་མཐུན་འདིའི་དོན་ཚན་འགྱུར་བའི་དབང་ཆ་ཡོད། གྲོས་མཐུན་དོན་ཚན་འགྱུར་བ་ཡིན་ན། འབྲེལ་ཡོད་ཤོག་ངོས་སྟེང་བཟོ་བཅོས་རྗེས་ཀྱི་གྲོས་མཐུན་དོན་ཚན་སྤྱི་བསྒྲགས་བྱ་ངེས། གལ་ཏེ་འགྱུར་བཅོས་བྱས་པའི་ནང་དོན་ལ་མོས་མཐུན་མེད་ན། སྤྱོད་མཁན་རང་ངོས་ནས་ཞབས་ཞུ་འདི་རྩིས་མེད་གཏོང་དགོས། གལ་ཏེ་སྤྱོད་མཁན་ནས་ཞབས་ཞུ་མུ་མཐུད་སྤྱོད་པ་ཡིན་ན། གྲོས་མཐུན་འདིའི་དོན་ཚན་གྱི་འགྱུར་བར་དང་ལེན་བྱས་པ་མཚོན།

13.2 ཞའོ་མཱི་ཡིས་དགོས་མཁོ་ལྟར་མཁོ་འདོན་བྱས་པའི་རིན་སྤྲོད་ཞབས་ཞུ་དང་། གོང་ཚད། རིན་སྤྲོད་ཐབས་ལམ། ཞབས་ཞུའི་རིན་པ། དེ་བཞིན་ཞབས་ཞུའི་དོན་ཚན་བཅས་ལ་བཟོ་བཅོས་བྱས་ཆོག་པའི་དབང་ཆ་ཡོད། ཞའོ་མཱིས་ཡིས་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་སུ། ཕལ་ཆེར་ད་ལྟ་དང་རྗེས་ཕྱོགས་ཞབས་ཞུ་ཁ་ཤས་ཀྱི་སྤྱོད་མཁན་ལ་འགྲོ་གྲོན་ངེས་ཅན་ཞིག་བསྡུ་ལེན་བྱེད་འགོ་བརྩམས་པ་རེད། དཔེར་ན་སྤྱོད་མཁན་གྱིས་འགྲོ་གྲོན་འདི་དག་སྤྲོད་རྒྱུ་དང་ལེན་མ་བྱས་ན། འགྲོ་གྲོན་བསྡུ་འགོ་བརྩམས་རྗེས་མུ་མཐུད་དུ་འབྲེལ་ཡོད་ཀྱི་ཞབས་ཞུ་བཀོལ་སྤྱོད་བྱེད་མི་རུང་།

བཅུ་བཞི། སྤྱོད་འོས་ཁྲིམས་ལུགས་དང་རྩོད་དོན་ཐག་གཅོད།

14.1 གྲོས་མཐུན་འདིའི་ནུས་འབྲས་དང་འགྲེལ་བཤད་དབང་ཆ་ཀུན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐམ་སའི་ཁུལ་གྱི་ཁྲིམས་ལུགས་ལ་སྤྱད་འོས། གལ་ཏེ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དོན་ཚན་མེད་ན། རྒྱལ་སྤྱིའི་ཚོང་ལས་རྒྱུལ་སྲོལ་ལམ་/ཚོང་ལས་རྒྱུན་སྲོལ་སྤྱད་ཆོག

14.2 གྲོས་མཐུན་འདི་འཇོག་ས་ནི་པེ་ཅིང་ཧའེ་ཏེན་ཁུལ་ཡིན།

14.3 སྤྱོད་མཁན་དང་ཞའོ་མཱི་ཀུན་ནས་གཅིག་འགྱུར་ངང་ཞབས་ཞུ་འདི་ལས་ཐོན་པའི་གྱོད་གཞི་ནི་ཕྱོགས་གཉིས་པོ་གྲོས་མཐུན་ཐག་གཅོད་བྱེད་དགོས་པ་དང་། གྲོས་མཐུན་མི་ཐུབ་ན་ཕྱོགས་གཉིས་པོ་གང་རུང་གིས་གྲོས་མཐུན་འཇོག་སར་དོ་དམ་དབང་ཡོད་པའི་ཁྲིམས་ཁང་ལ་ཞུ་གཏུག་ཐག་གཅོད་བྱེད་ཆོག་པར་མོས་མཐུན་ཡོད།

བཅོ་ལྔ། གཞན།

15.1ཞའོ་མཱི་ནས་གློག་རྡུལ་ཡིག་སྒམ་མམ་འཕྲིན་ཐུང་ངམ་དྲ་ངོས་སྤྱི་བསྒྲགས་སམ་ཞའོ་མཱི་ནས་འོས་འཚམས་སུ་སྙམ་པའི་ཐབས་ལམ་བརྒྱུད་སྤྱོད་མཁན་ལ་བརྡ་ཐོ་གཏོང་ངེས། སྤྱོད་མཁན་ལ་ཞབས་ཞུའི་དོན་ཚན་བཟོ་བཅོས། ཞབས་ཞུ་འགྱུར་བ་འམ་གལ་ཆེའི་དོན་ཚན་གཞན་བརྡ་གཏོང་ངེས། ཞའོ་མཱི་ནས་གོང་གསལ་ཐབས་ལམ་གང་རུང་གཅིག་བརྒྱུད་ནས་སྤྱོད་མཁན་ལ་བརྡ་བཏང་རྗེས། སྤྱོད་མཁན་ནས་ཉིན་3ནང་ཤོག་ངོས་ཀྱི་བཀག་བྱོལ་མེད་ན། ཆ་འཕྲིན་གསར་པའི་ནང་དོན་དང་ལེན་བྱས་པ་མཚོན།

15.2 གྲོས་མཐུན་འདིjགསར་སྒྱུར་བྱེད་པའི་དུས་ཚོད་ནི་2021ལོའི་ཟླ་10ཚེས་14ཉིན་ཡིན།

15.3 གྲོས་མཐུན་འདིའི་དོན་ཚན་ཁ་བྱང་ཀུན་ནི་ཀློག་བདེ་བའི་ཆས་ཡིན་པ་ལས། རང་ངོས་ལ་དངོས་ཡོད་ནང་དོན་གང་ཡང་མེད་པས། གྲོས་མཐུན་འདིའི་ནང་དོན་ལ་རྩིས་ནས་འགྲེལ་བཤད་དཔང་རྟགས་བྱེད་མི་ཆོག

15.4 གྲོས་མཐུན་འདིའི་དོན་ཚན་ནི་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཆ་ཤས་ནུས་མེད་དམ་བཀོལ་མི་ཐུབ་པ་ཡིན་ན། དོན་ཚན་ལྷག་མ་ནི་ད་དུང་ནུས་ལྡན་ཡིན་ལ། ཕྱོགས་གཉིས་པོར་ཚོད་འཛིན་བྱེད།